001 བཀྲ་བྷེ།

བཀྲ་བྷེ།

གནས་ཚུལ་བྱུང་ཚེས། - February 27, 2009

རྟགས། -Male

ཁུངས། རྔ་པ་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ།

ས་གནས། - རྔ་པ་ཀིརྟི་དགོན།

ལོ། - 27

མ་མིང། - མེ་ཁོ།

ཕ་མིང། - རབ་བརྟན།༼ཕ་ཚབ༽

སྐྱེས་ཡུལ། - རྔ་པ་རྫོང་ལྷ་སྡེ་འགབ་མ།

འཚོ་ཐབས། - རྔ་པ་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ།

ད་ལྟའི་གནས་སྟངས། - བཙན་ཁྲིད་བྱས་པ།


གནས་སྟངས་རྒྱས་པ། 

༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་གྱི་བོད་ནང་གི་ཕྱེད་ཡོལ་དུས་ཚོད་ ༡།༤༠ ཙམ་དུ་ཕ་ཚབ་རབ་བརྟན་དང་མ་མེ་ཁོའི་བུ་རང་ལོ་ ༢༧ སོན་པ་རྔ་པ་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རྔ་པ་ཀིརྟི་དགོན་པའི་ཤར་ཕྱོགས་ཀྱི་རྫོང་ཐོག་ཏུ་འགྲོ་སའི་ལམ་ཆེན་ནས་ལག་ཏུ་བོད་ཀྱི་རྒྱལ་དར་བྲིས་མའི་དཀྱིལ་དུ་༸གོང་ས་མཆོག་གི་སྐུ་པར་སྦྱར་ཡོད་པ་ཞིག་བཟུང་ནས་སྐད་འབོད་བྱེད་བཞིན་ཁྲོམ་གཞུང་དུ་ཐོན་མ་ཐག་རང་ལུས་ལ་མེ་སྤར་ཏེ་མུ་མཐུད་སྐད་འབོད་བྱེད་བཞིན་གོམ་བགྲོད་བྱེད་སྐབས། དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་ཁོང་གི་རྐང་ལག་ལ་མེ་མདའ་གསུམ་བསྟུད་མར་བརྒྱབ་སྟེ་ཐང་ལ་འགྱེལ་བཅུག དེ་རྗེས་འཁྲིས་སུ་གཅར་ཏེ་མེ་བསད་པ་དང་མཉམ་དུ་གཅར་རྡུང་གཏོང་བཞིན་རྔ་པ་རྫོང་མི་དམངས་སྨན་ཁང་ཞེས་པར་ཁྱེར་ནས་སྐབས་དེར་ཁོང་ཤི་གསོན་གྱི་གནས་ཚུལ་ཤེས་རྟོགས་བྱུང་མེད་ནའང༌། དེའི་རྗེས་ཀྱི་ཉིན་གཉིས་པར་ཁོང་འབར་ཁམས་དམག་མིའི་སྨན་ཁང་ཡོད་སར་ཁོང་གི་ཕ་མ་གཉིས་ལྟ་རུ་སོང་ཞིང༌། ཨ་མ་ཐོག་མར་ངོ་ཐུག་སྐབས་ཁོང་གིས་གསུང་དོན། ང་ཁྱོད་ཀྱིས་མཐོང་འདོད་པའི་བུ་དེ་མིན། ང་ཁ་སང་ཤི་འདོད་ཀྱང་ཤི་མ་ཐུབ་པ་རེད། ཅེས་སོགས་ཀྱི་སྐད་ཆ་ཁ་ཤས་ལས་བཤད་ཁོམ་མ་སྤྲད་པར་ཁོང་གི་ཨ་མ་ཉེན་རྟོག་པས་ཕྱི་ལ་ཁྲིད་འདུག དེ་ནས་བཟུང་ཡུན་རིང་བར་ཁོང་དང་ངོ་ཐུག་ནས་སྐད་ཆ་ཤོད་རྒྱུའི་གོ་སྐབས་སྤྲད་མེད་པ་མ་ཟད། ཨ་མ་ཡང་ཁོང་དང་མཉམ་དུ་བཟང་བཙོན་ལྟ་བུའི་གནས་སྟངས་འོག་བཀག་སྐྱིལ་བྱས་ཏེ་བཞག་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༡ ནང་བཀྲ་བྷེ་ལགས་ཀྱི་གནས་ཚུལ་གོ་བར་སྐབས་དེར་བཀྲ་བྷེ་ལགས་ཀྱི་རྐང་ལག་ལ་མེ་མདས་རྨས་སྐྱོན་ཕོག་ཡོད་པའི་རྨ་ཁ་ཡོངས་སུ་སོས་མ་བཅུག་པར། སྨན་བཅོས་ལ་ཁ་གཡར་སྟེ་མུ་མཐུད་རྨ་མགོ་བསྐྱར་བཀོག་ཡང་བཀོག་གིས་བཟོད་དཀའ་བའི་མནར་གཅོད་གཏོང་གི་ཡོད་པ་མ་ཟད། ཁོང་དང་ཨ་མ་གཉིས་ཀར་བསམ་པའི་གཏིང་ནས་བཤད་མི་འདོད་པའི་སྐད་ཆ་མང་པོ་བཙན་དབང་གིས་བཤད་བཅུག་སྟེ་རྒྱ་གཞུང་གི་དྲིལ་བསྒྲགས་རྫུན་མའི་ལག་ཆར་བེད་སྤྱོད་བཏང་བ་སོགས་བྱུང་ཡོད་འདུག ཕྱི་ཟླ་ ༥ ཚེས་ ༧ ཉིན་རྒྱ་ནག་གི་བརྙན་འཕྲིན་ (CCTV) ནང་ཁོང་གི་གནས་སྟངས་སྐོར་མང་ཙམ་བསྟན་འདུག་ཀྱང་། ལུས་སེམས་གཉིས་ཀར་མནར་གཅོད་ཕོག་པའི་རྨས་མ་ཚབས་ཆེན་ཞིག་གི་གནས་སྟངས་འོག་ལྷག་ཡོད།།

Comments

Post a Comment