བློ་བཟང་སྐལ་བཟང་།
གནས་ཚུལ་བྱུང་ཚེས། - September 26, 2011
རྟགས། - Male
ཁུངས། - ཀིརྟི་དགོན་
ས་གནས། - རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་།
ལོ། - 18
མ་མིང། - རྫོགས་དཀར།
ཕ་མིང། - ཚེ་རིང་བཀྲ་ཤིས།
སྐྱེས་ཡུལ། - མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཤང་རུ་ཆེན་གཉིས་པ།
འཚོ་ཐབས། - ིརྟི་དགོན་པའི་དགེ་འདུན་པ།
ད་ལྟའི་གནས་སྟངས། - སྨན་བཅོས་བྱེད་བཞིན་པ།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ཐོག་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཤང་རུ་ཆེན་གཉིས་པ་ནས་ཡིན་པའི་ཕ་ཚེ་རིང་བཀྲ་ཤིས་དང༌། མ་རྫོགས་དཀར་གཉིས་ཀྱི་བུ་རང་ལོ་ ༡༨ ཡིན་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་དང་། ཁོང་གི་འཐབ་གྲོགས་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་གཉིས་ཀྱིས་རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་དུ་ཐོན་ནས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རང་དབང་དགོས། སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་སྟོན་ཆེད་རང་ལུས་མེར་སྲེག་བཏང་ཡོད། དེ་རྗེས་སི་ཁྲོན་གྱི་ཁྲེན་ཏུའི་སྨན་ཁང་ཞིག་ཏུ་ཁོང་གཉིས་ཁྱེར་ཡོད་ཚུལ་དང༌། ཕྱིས་སུ་རྔ་པའི་གསར་འགྱུར་ཞེས་པའི་བརྙན་འཕྲིན་དུ་འཁྱུག་ཙམ་བསྟན་ཏེ་རྨས་སྐྱོན་ཚབས་མི་ཆེ་ཙམ་ཕོག་པ་བཤད་པ་ལས་ཞིབ་ཕྲའི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་མེད།།
Comments
Post a Comment