005 བློ་བཟང་དཀོན་མཆོག


བློ་བཟང་དཀོན་མཆོག

གནས་ཚུལ་བྱུང་ཚེས། - September 26, 2011

རྟགས། - Male

ཁུངས། - ཀིརྟི་དགོན།

ས་གནས། - ་རྔ་པ་རྫོང་ཐོག་ཁྲོམ་གཞུང་།

ལོ། - 19

ཕ་མིང། - ཚེ་རྒྱས།

སྐྱེས་ཡུལ། - མདོ་སྨད་རྔ་པ་རྨེའུ་རུ་མ་ཤང་རུ་ཆེན་གཉིས་པ།

འཚོ་ཐབས། - ཀིརྟི་དགོན་པའི་དགེ་འདུན་པ།

ད་ལྟའི་གནས་སྟངས། - ཤེས་རྟོགས་མེད།


གནས་སྟངས་རྒྱས་པ། -

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ཐོག་བོད་མདོ་སྨད་རྔ་པ་རྨེའུ་རུ་མ་ཤང་རུ་ཆེན་གཉིས་པའི་ཕ་ཚེ་རྒྱས་ཀྱི་བུ་རང་ལོ་ ༡༩ ཡིན་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས་དང་ཁོང་གི་འཐབ་གྲོགས་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་གཉིས་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོར་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་སྟོན་ཆེད་རྔ་པ་རྫོང་ཐོག་ཁྲོམ་གཞུང་དུ་རང་ལུས་མེར་སྲེག་བཏང་སྟེ་ཞི་རྒོལ་བྱས་རྗེས་ཅུང་ཙམ་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་དང་དྲག་ཆས་དམག་དཔུང་གིས་ཆུ་དང་མེ་གསོད་ཡོ་བྱད་བེད་སྤྱད་ནས་མེ་བསད་དེ་ཁོང་གཉིས་ཁྱེར་ཡོད། དེ་ཉིན་འབར་ཁམས་སུ་ཡོད་པའི་རྔ་པ་ཁུལ་སྨན་ཁང་དུ་ཁྱེར་ཏེ་འབྲེལ་ཡོད་ཚོ་ཐུག་འཕྲད་བྱེད་བཅུག་མེད། ཕྱི་ལོ་ ༢༠༡༢ ཟླ་ ༣ ནང་ཤེས་རྟོགས་བྱུང་བར་ཁོང་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་མ་ཟད། རྐང་ལག་ཚང་མ་གཏུབ་ཡོད་ཅིང་སྐེར་ཨི་ཁུང་བརྟོལ་ཏེ་དེའི་ནང་ནས་ཁ་ལག་སྤྲོད་དགོས་ཀྱི་ཡོད་པའི་གནས་ཚུལ་ཞིག་གོ་ཐོས་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད། སྨན་ཁང་ནང་ལྟ་སྲུང་མཁན་གྱི་ལས་བྱེད་དང་སྨན་པ་ཚོས་ཁོང་ཚོ་ནི་རྒྱལ་ཁབ་ཀྱི་དགྲ་བོ་དང་མི་དམངས་དཀྲུག་ཤིང་རྒྱག་མཁན་ཡིན་ཚུལ་གྱི་མཐོང་ཆུང་དང་བརྙས་སྨད་སྣ་ཚོགས་བྱས་ཏེ་ཤི་ལ་ཉེ་བའི་རྨས་མ་དེ་དག་ལའང་འདྲི་གཅོད་དང་རྡུང་རྡེག་མནར་གཅོད་གཏོང་བཞིན་ཡོད་འདུག

Comments

Post a Comment