006 སྐལ་བཟང་དབང་ཕྱུག



སྐལ་བཟང་དབང་ཕྱུག

གནས་ཚུལ་བྱུང་ཚེས། - October 3, 2011

རྟགས། - Male

ཁུངས། - རྔ་པ་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་།

ས་གནས། - རྔ་པ་རྫོང་མཁར་གྱི་གཞུང་ལམ།

ལོ། - 17

མ་མིང། - བདེ་མཆོག

ཕ་མིང། - ཚུར་དྲིས།

སྐྱེས་ཡུལ། - རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ།

འཚོ་ཐབས། - རྔ་པ་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ།

ད་ལྟའི་གནས་སྟངས། - ཤེས་རྟོགས་མེད།


གནས་སྟངས་རྒྱས་པ། -

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༢ པ་ཙམ་ལ་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཕ་ཚུར་དྲིས་དང༌། མ་བདེ་མཆོག་གཉིས་ཀྱི་བུ་རང་ལོ་ ༡༧ ཡིན་པའི་རྔ་པ་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ་སྐལ་བཟང་དབང་ཕྱུག་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལག་ཏུ་བཟུང་ནས་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་ཏེ་རང་ལུས་ལ་མེ་སྤར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་འདུག་མོད། དེ་མ་ཐག་རྒྱ་དམག་གིས་རུབ་བརྒྱབ་ནས་ལག་ཆ་འདྲ་མིན་གྱིས་གཅར་རྡུང་དྲག་པོ་བཏང་རྐྱེན་མགོ་བོར་རྨས་སྐྱོན་ཚབས་ཆེ་ཕོག་སྟེ། ཁོང་སྐབས་དེར་རྔ་པ་རྫོང་མི་དམངས་སྨན་ཁང་ཟེར་བའི་ཐོག་བརྩེགས་གཉིས་པའི་ནད་པ་གཞན་ཚང་མ་ཕྱིར་ཕུད་བྱས་ཏེ་ཁོང་གཅིག་པུར་ཉེན་རྟོག་པའི་སྲུང་བྱ་དམ་པོའི་འོག་བཞག་ཡོད་འདུག གོ་ཐོས་སུ་ཁོང་གི་གྲོགས་པོ་ཞིག་ནད་གཡོག་ལ་བཏང་ཡོད་པ་དང༌། དེ་མིན་གྱི་མི་ཁག་གཅིག་ཀྱང་ཐུག་ཏུ་བཅུག་ཡོད་ཚུལ་འདུག

Comments

Post a Comment