007 ཆོས་འཕེལ།

 ཆོས་འཕེལ།


ཆོས་འཕེལ།

གནས་ཚུལ་བྱུང་ཚེས། - November 7, 2011

རྟགས། - Male

ཁུངས། - རྔ་པ་རྫོང་མཐའ་བ་གོང་མ།

ས་གནས། - རྔ་པ་རྫོང་གི་ཁྲོམ་གཞུང་།

ལོ། - 19

ཕ་མིང། - འཇིགས་རིས།

སྐྱེས་ཡུལ། - རྔ་པ་རྫོང་མཐའ་བ་གོང་མ།

འཚོ་ཐབས། - ཞིང་པ།

ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།


གནས་སྟངས་རྒྱས་པ། -

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་རྔ་པ་རྫོང་མཐའ་བ་གོང་མའི་འཇིགས་རིས་ཚང་གི་བུ་རང་ལོ་ ༡༩ ཡིན་པ་ཆོས་འཕེལ་ལགས་དང་ཁོང་གི་འཐབ་གྲོགས་མཁའ་དབྱིངས་ལགས་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་ལ་མེ་སྤར་ཏེ་ལག་ཟུང་ཐལ་མོ་སྦྱར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་འདུག སྐབས་དེར་ཉེན་རྟོག་པ་སོགས་ཀྱིས་ཁོང་གཉིས་ཀྱི་ལུས་ཀྱི་མེ་བསད་ཅིང་གཅར་རྡུང་གཏོང་བཞིན་ས་གནས་རྫོང་མི་དམངས་སྨན་ཁང་དུ་ཁྱེར་ཡོད་པ་དང། ཕྱི་ཚེས་ ༡༡ ཉིན་འབར་ཁམས་སུ་ཡོད་པའི་རྔ་པ་ཁུལ་གྱི་སྨན་ཁང་ནང་གཟི་བརྗིད་ལྡན་པའི་ངང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག སྔར་བཞིན་འབྲེལ་ཡོད་ཚོས་དམ་པ་ཁོང་གི་སྐུ་ཕུང་ནང་མིར་སྤྲོད་དགོས་པའི་རེ་འདུན་བཏོན་འདུག་ཀྱང་སྐབས་དེ་དུས་སྤྲད་མི་འདུག ཁོང་དེ་སྔོན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཡིན་འདུག

Comments

Post a Comment