བསྟན་འཛིན་དབང་མོ།
གནས་ཚུལ་བྱུང་ཚེས། - October 17, 2011
རྟགས། - Female
ཁུངས། - མ་མའི་བཙུན་དགོན།
ས་གནས། - རྔ་པ་རྫོང་མཁར་དང་བར་ཐག་སྤྱི་ལེ་གསུམ་ཙམ་ཡོད་པའི་བཙུན་དགོན་ཞོལ་གྱི་སུམ་མདོའི་ཟམ་ཁ།
ལོ། - 20
ཕ་མིང། - ཉི་ཚེ།
སྐྱེས་ཡུལ། - རྔ་པ་རྫོང་ཆོས་རྗེ་མ་ཞང་བྱ་སྐོར་མ།
འཚོ་ཐབས། - མ་མའི་བཙུན་དགོན་གྱི་བཙུན་མ།
ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༧ ཉིན་བོད་ནང་གི་ཉིན་གུང་རྒྱབ་ཆུ་ཚོད་ ༡ ཡོལ་ཙམ་ལ་རྔ་པ་རྫོང་ཆོས་རྗེ་མ་ཞང་བྱ་སྐོར་མ་སྡེ་པའི་ཉི་ཚེ་ཚང་གི་ཕ་ཉི་ཚེའི་བུ་མོ་རང་ལོ་ ༢༠ ཡས་མས་ཡིན་པའི་མ་མའི་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས་རྔ་པ་རྫོང་མཁར་དང་བར་ཐག་སྤྱི་ལེ་གསུམ་ཙམ་ཡོད་པའི་བཙུན་དགོན་ཞོལ་གྱི་སུམ་མདོའི་ཟམ་ཁ་ནས། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་ཆོས་དད་རང་དབང་དགོས། ཞེས་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྟེ། དུས་ཡུན་སྐར་མ་བདུན་བརྒྱད་ཞིག་རིང་གོམ་བགྲོད་བྱས་ནས་བསྐྱོད་སྐབས་ས་གནས་སུ་ཉེན་རྟོག་པ་སོགས་འབྱོར་མེད་སྟབས། ཁོང་མོའི་ཕུང་པོ་མ་མའི་བཙུན་དགོན་གྱི་བཙུན་མ་རྣམས་ཀྱིས་བཙུན་དགོན་དུ་ཁྱེར་ཡོད་འདུག་ལ་དུས་ཐོག་དེ་རང་དུ་གྲོངས་ཡོད་མོད། ཕུང་པོ་རྒྱ་གཞུང་ལ་སྤྲོད་ཀྱི་མིན་ཟེར་ནས་བཙུན་མ་ཚོས་སྲུང་བྱ་བྱས་ཡོད་ཀྱང་རྒྱ་གཞུང་ལ་རྩིས་སྤྲོད་དགོས་པ་ལས་གལ་སྲིད་མ་སྤྲད་ན། དེ་ཉིན་མཚན་མོ་ས་འོག་ཏུ་སྦས་དགོས་ཚུལ་བརྗོད་ཡོད་ཀྱང་བཙུན་མ་རྣམས་ཀྱིས་ས་འོག་ཏུ་མ་སྦས་པར་མཚན་མོ་དེར་སྦྱིན་སྲེག་བླུགས་ཡོད་འདུག གནས་ཚུལ་དེ་བྱུང་ནས་ཅུང་མ་འགོར་བར་དམག་མི་དང་ཉེན་རྟོག་པ་སོགས་འབྱོར་ནས་མ་མའི་བཙུན་དགོན་དང་ས་གནས་ཀྱི་གྲོང་སྡེ་ཁག་ཡོངས་རྫོགས་བཀག་སྡོམ་ནན་མོ་བྱས་ཡོད་འདུག། མ་མའི་བཙུན་དགོན་གྱི་མིང་ཆ་ཚང་ལ་མ་མའི་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་ཡིན་ཞིང༌། རྔ་པ་རྫོང་མཁར་གྱི་ནུབ་བྱང་ཕྱོགས་སུ་བར་ཐག་སྤྱི་ལེ་གསུམ་ལྷག་གི་སར་ཡོད་པའི་རྔ་པའི་རྫོང་ཁོངས་ཀྱི་དགེ་ལུགས་པའི་བཙུན་དགོན་ཆེ་ཤོས་ཡིན་པ་དང༌། སྔོན་ཕ་མཐའི་རི་ཁྲོད་ཤུལ་དུ་སྐལ་བ་བཟང་པོ་སོགས་ཀྱིས་བསྐྱངས། དེང་སྐབས་བཙུན་དགོན་དེར་བཙུན་མ་ ༣༥༠ ལྷག་ཡོད་འདུག།།
Comments
Post a Comment