དཔལ་ལྡན་ཆོས་མཚོ།
གནས་ཚུལ་བྱུང་ཚེས། - November 3, 2011
རྟགས། - Female
ཁུངས། - རྟའུ་དགའ་ལྡན་ཆོས་གླིང་།
ས་གནས། - རྟའུ་རྣམ་རྒྱལ་མཆོད་རྟེན།
ལོ། - 35
མ་མིང། - ཀོས་ལང།
ཕ་མིང། - ཇོ་ནེ།
སྐྱེས་ཡུལ། - ཁམས་རྟའུ་རྫོང་བྲོ་ཆོ་གྲོང་ཚོ།
འཚོ་ཐབས། - རྟའུ་དགའ་ལྡན་ཆོས་གླིང་གི་བཙུན་མ།
ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༣ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ཁམས་རྟའུ་རྫོང་བྲོ་ཆོ་གྲོང་ཚོ་ནས་ཡིན་པ་ཕ་ཇོ་ནེ་དང༌། མ་ཀོས་ལང་གཉིས་ཀྱི་བུ་མོ་རང་ལོ་ ༣༥ ཡིན་པ་རྟའུ་དགའ་ལྡན་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་ཉེ་འགྲམ་དུ་མི་མང་གིས་སྨྱུང་གནས་ཚོགས་ཏེ་གྲོལ་ལ་ཉེ་བའི་སྐབས་དང་བསྟུན་ནས་ཐོག་མར་ས་སྣུམ་བཏུངས་བ་དང་དེ་ནས་ཉེ་སྔོན་རྒྱལ་གཅེས་པ་རྟའུ་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལུས་མེར་བསྒྲོན་ནས་ངོ་རྒོལ་གནང་སའི་ས་ཆ་དེར། བཙུན་མ་རང་ཉིད་ཀྱིས་སྐུ་ལུས་ལ་མེ་སྤར་ནས་མི་མང་གི་ཁྲོད་དུ། བོད་ལ་ཆོས་དད་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸གོང་ས་མཆོག་བོད་ལ་གདན་ཞུ་བྱེད་དགོས། སོགས་ཀྱི་ཞི་བའི་སྐད་འབོད་བྱས་ཡོད། མེ་འབར་ཤུགས་ཆེ་དྲགས་ནས་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་དེ་མ་ཐག་འདས་གྲོངས་སུ་གྱུར་པ་དང༌། ས་གནས་ཉེན་རྟོག་པ་དང་དམག་མི་ཚོས་སྐུ་ཕུང་ཕྱིར་སློག་དགོས་ཞེས་དགོན་པར་བཙན་ཤེད་བྱས་ཡོད་རུང། དེར་འཛོམས་ཡོད་པའི་མི་མང་གིས་སྐུ་ཕུང་རྟའུ་ཉ་མཚོ་དགོན་པའི་ནང་གདན་འདྲེན་ཞུས་འདུག སྐབས་དེར་རྟའུ་རྫོང་ཐོག་ཏུ་ས་གནས་ཉེན་རྟོག་པ་དང་དམག་མི་ཚོས་མི་མང་ལ་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་མོད། ད་དུང་ཕྱོགས་མཐའི་དགེ་འདུན་པ་དང༌། བཙུན་མ། མི་མང་བཅས་ནས་ཉ་མཚོ་དགོན་གྱི་ཉེ་འགྲམ་དུ་འདུ་འཛོམས་བྱས་ཡོད་འདུག
Comments
Post a Comment