བློ་བཟང་ཚུལ་ཁྲིམས།
གནས་ཚུལ་བྱུང་ཚེས། - December 6, 2011
རྟགས། - Male
ཁུངས། - རྔ་པ་རྫོང་བར་མ་ཞང་ལྡོང་ཁུ།
ས་གནས། - རྔ་པ་རྫོང་མཁར་གྱི་བཞི་མདོའི་མགྲོན་ཁང་།
ལོ། - 20
མ་མིང། - མགོ་ཁ།
ཕ་མིང། - བརྟན་ཁོ།
སྐྱེས་ཡུལ། - རྔ་པ་རྫོང་བར་མ་ཞང་ལྡོང་ཁུ།
འཚོ་ཐབས། - ཞིང་པ།
ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༦ ཉིན་རྔ་པ་རྫོང་བར་མ་ཞང་ལྡོང་ཁུའི་ཞག་གདུགས་སྨན་པ་ཚང་གི་ཕ་བརྟན་ཁོ་དང༌། མ་མགོ་ཁོ་གཉིས་ཀྱི་བུ་རང་ལོ་ ༢༠ ཡིན་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་བསྟན་ཉི་ལགས་དང་ལྷན་རྔ་པ་རྫོང་མཁར་གྱི་བཞི་མདོའི་མགྲོན་ཁང་ཞིག་གི་ནང་ནས་རང་ལུས་མེར་སྲེག་བཏང་སྟེ། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་པ་དང་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་སྐད་འབོད་བྱེད་བཞིན་མགྲོན་ཁང་དེའི་ར་སྐོར་ཕྱི་ལ་ཐོན་མ་ཐག ཉེ་འཁོར་གྱི་ཉེན་རྟོག་པ་དང་དམག་མིས་མེ་བསད་ནས་བཙན་ཁྲིད་བྱས་འདུག ཕྱི་ཚེས་ ༧ ཉིན་གྱི་མཚན་མོར་ཁོང་འདས་གྲོངས་སུ་གྱུར་འདུག ངོ་རྒོལ་གྱི་གནས་ཚུལ་དེ་བྱུང་བའི་ཕྱི་ཉིན་རྔ་པ་རྫོང་མཁར་གྱི་བོད་པའི་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་བརྒྱབ་ནས་གདུང་སེམས་མཉམ་སྐྱེ་བྱས་ཡོད་ལ། རྔ་པ་མི་མང་རྣམས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་པ་གཉིས་ཀྱི་ནང་མིར་སེམས་གསོ་བྱེད་པར་འགྲོ་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་བཀག་འགོག་བྱས་ཡོད།།
Comments
Post a Comment