བསྟན་ཉི།
གནས་ཚུལ་བྱུང་ཚེས། - December 6, 2011
རྟགས། - Male
ཁུངས། - རྔ་པ་རྫོང་མཐའ་བ་གོང་མ།
ས་གནས། - རྔ་པ་རྫོང་མཁར་གྱི་བཞི་མདོའི་མགྲོན་ཁང་།
ལོ། - 20
ཕ་མིང། - ཡར་འཕེལ།
སྐྱེས་ཡུལ། - རྔ་པ་རྫོང་མཐའ་བ་གོང་མ།
འཚོ་ཐབས། - ཞིང་པ།
ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༦ ཉིན་རྔ་པ་རྫོང་མཐའ་བ་གོང་མའི་ཕ་ཡར་འཕེལ་གྱི་བུ་རང་ལོ་ ༢༠ ཡིན་པ་བསྟན་ཉི་ལགས་ཀྱིས་བློ་བཟང་ཚུལ་ཁྲིམས་ལགས་དང་ལྷན་རྔ་པ་རྫོང་མཁར་གྱི་བཞི་མདོའི་མགྲོན་ཁང་ཞིག་གི་ནང་ནས་རང་ལུས་མེར་སྲེག་བཏང་སྟེ། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་སྐད་འབོད་བྱེད་བཞིན་ར་སྐོར་གྱི་ཕྱི་ལ་ཐོན་མ་ཐག ཉེ་འཁོར་གྱི་ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་མེ་བསད་ནས་བཙན་ཁྲིད་བྱས་ཡོད་ཀྱང་བསྟན་ཉི་ལགས་ཉིན་དེར་འདས་གྲོངས་སུ་གྱུར་འདུག ངོ་རྒོལ་གྱི་གནས་ཚུལ་དེ་བྱུང་བའི་ཕྱི་ཉིན་རྔ་པ་རྫོང་མཁར་གྱི་བོད་པའི་ཚོང་ཁང་དང་ཟ་ཁང་ཚང་མས་སྒོ་བརྒྱབ་ནས་གདུང་སེམས་མཉམ་སྐྱེ་བྱས་ཡོད་ཀྱང་། རྔ་པ་མི་མང་རྣམས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་པ་ཁོང་གི་ནང་མིར་སེམས་གསོ་བྱེད་པར་འགྲོ་སྐབས། རྒྱ་ནག་གཞུང་གིས་ཉེན་རྟོག་པས་བཀག་འགོག་བྱས་ཡོད་པ་དང༌། ཉིན་དེར་རྔ་པའི་རྫོང་མཁར་སོགས་ལ་དམ་བསྒྲགས་ཤུགས་ཆེ་རུ་བཏང་འདུག ཁོང་ཆུང་ཆུང་སྐབས་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་ལོ་ཤས་གོང་སྐྱ་སར་བབ་པ་ཞིག་ཡིན་འདུག སྐབས་དེར་ཁོང་གི་འདྲ་པར་ལག་སོན་བྱུང་མེད་ཀྱང་། ཕྱི་ཟླ་ ༨ ནང་བོད་ནས་བཏང་འབྱོར་བྱུང་ཡོད།
Comments
Post a Comment