བསོད་ནམས་རབ་ཡངས།
གནས་ཚུལ་བྱུང་ཚེས། - February 8, 2012
རྟགས། - Male
ས་གནས། - ཁྲི་འདུ་རྫོང་།
ལོ། - 42
མ་མིང། - དཀོན་མཆོག་དབང་མོ།
ཕ་མིང། - ཕུན་ཚོགས་སྐྱབས།
སྐྱེས་ཡུལ། - བོད་ཁམས་སྐྱེ་རྒུ་མདོའི་ཁྲི་འདུ་རྫོང།
འཚོ་ཐབས། - ལབ་དགོན་པའི་དགེ་འདུན་པ།
ད་ལྟའི་གནས་སྟངས། - ཁྱིམ་དུ་ཡོད།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༤ པ་ཙམ་ལ་བོད་ཁམས་སྐྱེ་རྒུ་མདོའི་ཁྲི་འདུ་རྫོང་ལབ་ཤང་གཡུ་བཀོད་གྲོང་ཚོའི་ཕ་ཚེ་འདས་ཕུན་ཚོགས་སྐྱབས་དང་། མ་དཀོན་མཆོག་དབང་མོ་གཉིས་ཀྱི་བུ་རང་ལོ་ ༤༢ ཡིན་པ་ལབ་དགོན་པའི་དགེ་འདུན་པ་བསོད་ནམས་རབ་ཡངས་ལགས་ཀྱིས་ཆུ་ཚོད་གསུམ་ཙམ་རྐང་ཐང་དུ་ཕྱིན་ནས་ཁྲི་འདུ་རྫོང་དུ་འབྱོར་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་བཏང་སྟེ། ༸རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་གདན་འདྲེན་ཞུ་དགོས། ང་ཚོའི་རང་དབང་ནི་ང་ཚོའི་ཐོབ་ཐང་ཡིན། དུས་རྟག་ཏུ་བོད་མི་རིགས་ལ་བཙན་གནོན་དང་མནར་གཅོད་མྱོང་འདོད་མེད། ཅེས་སོགས་འབོད་སྒྲ་ཤུགས་ཆེར་བསྒྲགས་འདུག སྐབས་དེར་ཉེན་རྟོག་པས་མེ་བསད་དེ་འཛིན་བཟུང་བཙན་ཤེད་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་དམག་མིའི་སྨན་ཁང་ཞིག་ཏུ་ཁྲིད་ནས་རྐང་པ་གཉིས་ཀ་རིམ་པས་བཅད་དེ་ཟླ་ཤས་རྗེས་ཕྱིར་བཏང་། ད་ལྟའི་ཆར་ནང་དུ་ཡོད་ཀྱང་རྒྱའི་གསང་བའི་ལས་ཁུངས་དང་། ཉེན་རྟོག་པས་སྟངས་འཛིན་ནན་པོས་མི་གཞན་དང་ཐུག་འཕྲད་བྱེད་མི་ཆོག་པ་མ་ཟད། གྲོང་སྡེའི་ཕྱི་ལོགས་སུ་ཕྱིན་ན་ཉེན་རྟོག་པར་ལན་བསྐྱལ་དགོས་པ་དང་། ཕྱིའི་རྒྱལ་ཁབ་ནས་ཡོང་བའི་ཁ་པར་ལེན་མི་ཆོག་དང་། དུས་རྟག་ཏུ་དྲི་བ་དྲིས་ཏེ་སུན་གཙེར་བྱེད་པ་སོགས་ཕྱི་ཚུལ་ནས་གློད་བཀྲོལ་བཏང་བ་ཡིན་ཡང་། དོན་དངོས་ཐོག་བཙོན་པ་དང་གཉིས་སུ་མེད་པར་ཆགས་ཡོད་པ་མ་ཟད། ནང་མིར་དཀའ་ངལ་ཚད་ལས་འདས་པ་འཕྲད་བཞིན་ཡོད་པ་ནི། བཤང་གཅིན་སོགས་གཞན་གྱིས་འདོན་དགོས་པའི་གནས་སྟངས་འོག་ལྷག་ཡོད། ཁོང་ལ་སྤུན་མཆེད་བཅུ་གཉིས་ཡོད་པའི་ནང་ནས་ཁོང་རང་གསུམ་པ་དེ་ཡིན་པ་དང། ཆུང་དུས་ནས་ལབ་མདའ་སློབ་ཆུང་དང་སློབ་འབྲིང་བར་སྐྱོད་རྗེས་ཕྱི་ལོ་ ༡༩༩༥ ལོར་ལབ་དགོན་པར་ཆོས་ཞུགས་དང་རྒྱུན་ལྡན་ནས་༸གོང་ས་མཆོག་ལ་བསྟོད་གླུ་ལེན་པ་སོགས་ཁོའི་འཚོ་བའི་ཆ་ཤས་ལྟ་བུ་ཡིན་པ་མ་ཟད། ཕྱི་ལོ་ ༡༩༩༧ ལོར་ཁྲི་འདུ་རྫ་སྟོད་དུ་ལབ་དགོན་པར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྐབས། རྒྱ་གཞུང་ལས་བྱེད་ལ་མི་འདོད་རྣམ་འགྱུར་བསྟན་ཡོད་པ་དང་། ལྷག་པར་འདི་ལོའི་བཀའ་སྤྱི་གཉིས་ཀྱིས་གོ་སྒྲིག་འོག་བོད་མི་འདུ་སྡོད་ཡུལ་གྲུ་གང་སར་ཉིན་བརྒྱ་དུས་གཅིག་ཏུ་བོད་མིའི་མྱ་ངན་གྱི་དྲན་གསོའི་སྐབས་བོད་སྤྱི་དོན་ཆེད་ལས་འགུལ་སྤེལ་བ་ཞིག་ཡིན་
Comments
Post a Comment