020 བསྟན་འཛིན་ཆོས་སྒྲོན།



བསྟན་འཛིན་ཆོས་སྒྲོན།

གནས་ཚུལ་བྱུང་ཚེས། - February 11, 2012

རྟགས། - Female

ཁུངས། - མ་མའི་བཙུན་དགོན།

ས་གནས། - བཙུན་དགོན་ཞོལ་གྱི་བསུ་མདོའི་ཟམ་ཁ།

ལོ། - 18

མ་མིང། - ཚེ་བྷོ།

ཕ་མིང། - བློ་བྷེ།

སྐྱེས་ཡུལ། - རྔ་པ་རྫོང་རྭ་རུ་བ།

འཚོ་ཐབས། - བཙུན་མ།

ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།


གནས་སྟངས་རྒྱས་པ། -

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༡ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༦ པ་ཙམ་ལ་རྔ་པ་རྫོང་རྭ་རུ་བའི་མདོ་ཤིས་སྐལ་རྒྱམ་ཚང་གི་ཕ་བློ་བྷེ་དང༌། མ་ཚེ་བྷོ་གཉིས་ཀྱི་བུ་མོ་རང་ལོ་ ༡༨ ཡིན་པ་མ་མའི་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་བཙུན་དགོན་ཞོལ་གྱི་བསུ་མདོའི་ཟམ་ཁ་ནས་རང་ལུས་མེར་སྲེག་བཏང་སྟེ། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ཞེས་འབོད་ཚིག་སྒྲོག་བཞིན་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཤིང༌། སྐབས་དེར་གྲོངས་མེད་ནའང༌། དེ་མ་ཐག་དམག་མི་དང་ཉེན་རྟོག་པ་སླེབས་ནས་འབར་ཁམས་སུ་ཐད་ཀར་ཁྱེར་ཡོད་འདུག ཉིན་དེའི་མཚན་མོ་འབར་ཁམས་སུ་འདས་གྲོངས་སུ་གྱུར་ཡོད་ཀྱང་། ནང་མིས་ཕུང་པོ་ཚུར་སྤྲོད་རྒྱུའི་རེ་བ་བྱས་པར་རྒྱ་གཞུང་གིས་དང་ལེན་མ་བྱས་པར་འབར་ཁམས་ནས་ཕྱི་ཚེས་ ༡༢ ཉིན་མེར་སྲེག་བཏང་སྟེ་རུས་ཐལ་ཞིག་ནང་མིར་སྤྲད་འདུག དེ་རྗེས་དམག་མི་དང་ཉེན་རྟོག་པས་མ་མའི་བཙུན་དགོན་ཡོངས་སུ་སྐོར་ནས་དམ་བསྒྲགས་ཆེན་པོས་མ་མའི་བཙུན་དགོན་གྱི་ཕྱི་ནང་ཚང་མར་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་དམ་བསྒྲགས་ཤུགས་ཆེ་བྱས་ཏེ་དགོན་པའི་ཕྱི་ནང་གི་འགྲོ་འོང་ཡོངས་སུ་བཀག་སྡོམ་བྱས་པར་མ་ཟད། དགོན་པའི་ནང་དུ་རྒྱ་གཞུང་གི་ལས་བྱེེད་འབོར་ཆེན་འབྱོར་ཡོད།

ཁོང་མོ་ཆུང་དུས་སྐབས་ནས་གཅའ་ཞང་ནས་ལོ་ ༣ ཙམ་རིང་སློབ་གྲྭར་སོང་ཞིང༌། དེ་རྗེས་རྔ་སྟོད་མ་མའི་བཙུན་དགོན་དུ་བཙུན་མ་བྱས་འདུག ཁོང་གི་ཁྱིམ་དུ་ནང་མི་ ༡༢ དང་མིང་སྲིང་བཞི་ཡོད་པའི་ཆེ་ཤོས་ཁོང་ཡིན་འདུག རྒྱུན་ལྡན་སྨྲ་བ་ཉུང་ཞིང་དགོན་པའི་སྒྲིག་ལམ་ཚུལ་བཞིན་སྲུང་ནས་སློབ་སྦྱོང་ལ་དོ་སྣང་ཆེན་པོ་དང་སློབ་སྦྱོང་གི་གྲུབ་འབྲས་ཧ་ཅང་ཡག་པོ་ཡོད་མཁན་གྱི་དཔའ་འཛངས་གཉིས་ལྡན་གྱི་བུ་མོ་ཡ་རབས་ཤིག་ཡིན་འདུག

Comments

Post a Comment