བློ་བཟང་རྒྱ་མཚོ།
གནས་ཚུལ་བྱུང་ཚེས། - February 13, 2012
རྟགས། - Male
ཁུངས། - རྔ་པ་ཀིརྟི་དགོན།
ས་གནས། - རྫོང་མཁར་གྱི་གཞུང་ལམ་དབུས།
ལོ། - 19
མ་མིང། - པད་དཀར།
ཕ་མིང། - བཛྲི།
སྐྱེས་ཡུལ། - མདོ་སྨད་རྔ་པ་རྫོང་གཅའ་ཞང་ནག་ཚང་མ།
འཚོ་ཐབས། - དགེ་འདུན་པ།
ད་ལྟའི་གནས་སྟངས། - ཤེས་རྟོགས་མེད།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༣ ཉིན་གྱི་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་གཅའ་ཞང་ནག་ཚང་མའི་བཛྲི་ཚང་གི་ཕ་བཛྲི་དང༌། མ་པད་དཀར་གཉིས་ཀྱི་བུ་རང་ལོ་ ༡༩ ཡིན་པ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་ཀྱིས་རྫོང་མཁར་གྱི་གཞུང་ལམ་དབུས་མའི་མགོ་སྟོད་ནས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག སྐབས་དེར་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་སླེབས་ནས་ཁོང་གི་སྐུ་ལུས་ལ་འབར་བཞིན་པའི་མེ་བསད་དེ་གཅར་རྡུང་གཏོང་བཞིན་བཙན་ཁྲིད་བྱས་པ་ཙམ་ལས་ཤི་གསོན་གྱི་གནས་ཚུལ་ད་བར་ཤེས་རྟོགས་བྱུང་མེད། ཁོང་གི་ཁྱིམ་ཚང་ལ་ནང་མི་བདུན་དང་མིང་སྲིང་བཞི་ཡོད་པའི་ནང་ནས་ཁོང་རང་ཆེ་ཤོས་ཡིན་འདུག ཁོང་འཛིན་གྲྭའི་ནང་གི་སློབ་སྦྱོང་དང་སྤྱོད་ལམ་ཡག་ཤོས་ཤིག་ཡིན་པ་མ་ཟད། གྲྭ་མང་དབུས་སུ་ཆོས་ཀྱི་ཚོགས་གླེང་ཐེངས་མང་གནང་མྱོང་མཁན་ཞིག་ཀྱང་ཡིན་འདུག
Comments
Post a Comment