དམ་ཆོས་བཟང་པོ།
གནས་ཚུལ་བྱུང་ཚེས། - February 17, 2012
རྟགས། - Male
ཁུངས། - བོང་སྟག་དགོན།
ལོ། - 38
ཕ་མིང། - སྟག་ལྷ།
སྐྱེས་ཡུལ། - མཚོ་སྔོན་ཐེམ་ཆེན་རྫོང་སེང་གེ་ཤང་རུ་ཁག་གཉིས་པ།
འཚོ་ཐབས། - དགེ་འདུན་པ།
ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཙམ་ལ། མཚོ་བྱང་ཁུལ་ཐེམ་ཆེན་རྫོང་སེང་གེ་ཤང་རུ་ཁག་གཉིས་པའི་ཨར་རྒུར་ཚང་གི་ཕ་ཚེ་འདས་སྟག་ལྷའི་བུ་རང་ལོ་ ༣༨ ཡིན་པ་བོང་སྟག་དགོན་ཆེན་ཨེ་ཝྂ་ཏ་རེ་གླིང་དགོན་པའི་གྲྭ་དམ་ཆོས་བཟང་པོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ཁོང་ལ་སྲིང་མོ་དགུ་ཡོད་པ་དང༌། མིང་སྲིང་བཅུ་ལས་ཐ་ཆུང་ཡིན་འདུག ཁོང་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་དུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་ཀླུ་འབུམ་ཁམས་ཚན་དུ་ཆོས་ཞུགས་ཀྱིས་ཕྱི་ལོ་ ༡༩༩༧ ལོར་བོད་ལ་ཕྱིར་ལོག་གནང་བ་དང༌། བོང་སྟག་དགོན་པའི་དགེ་བསྐོས་ཟུར་པ་དང་དགོན་པའི་དཔེ་ཁྲིད་དགེ་རྒན་ཡིན་པ་མ་ཟད། དགོན་པ་དེའི་ཆོས་ལུགས་དོ་དམ་ཚོགས་པའི་འཐུས་མི་ཡང་ཡིན་འདུག ཉེ་སྔོན་བོདཀྱི་ས་ཁུལ་མང་པོའི་ནང་རང་ལུས་མེར་སྲེག་གི་ངོ་རྒོལ་བསྟུད་མར་བྱུང་བར་བརྟེན། ལུགས་རྙིང་ལོ་གསར་སྐབས་ནས་བཟུང་བོང་སྟག་ས་ཆར་རྒྱ་གཞུང་ཉེན་རྟོག་དམག་མིས་དམ་བསྒྲགས་བྱས་ཡོད་པ་དང༌། ལྷག་པར་བོང་སྟག་དགོན་དུ་སྨོན་ལམ་ཚོགས་མི་ཆོག་པའི་བཀའ་རྒྱ་རིམ་པར་བཏང་ཡོད་སྟབས། གྲྭ་དམ་ཆོས་ལགས་ཀྱིས་དམ་བསྒྲགས་བྱེད་མཁན་རྒྱ་གཞུང་མི་སྣ་ཚོར་བོང་སྟག་དགོན་པའི་ནང་གི་དམག་མི་དང་ཉེན་རྟོག་པ་རྣམས་ཕྱིར་འཐེན་དགོས་པའི་རེ་སྐུལ་བྱས་ཡོད་པ་མ་ཟད། གལ་སྲིད་རྒྱ་གཞུང་གིས་དགོན་པར་མུ་མཐུད་དུ་འདི་ལྟར་དམ་བསྒྲགས་བྱས་ཚེ། རྗེས་ཕྱོགས་དགོན་པའི་ནང་དོན་དག་ཅི་ཞིག་བྱུང་ཡང་འགན་ཆ་ཚང་རྒྱ་གཞུང་གིས་ཁུར་དགོས་པའི་སྐོར་ས་གནས་ཉེན་རྟོག་དམག་མི་ཚོར་བརྗོད་ཡོད་འདུ
Comments
Post a Comment