ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ ཡོལ་ཙམ་ལ་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་རང་ལོ་ ༢༤ ཙམ་ཡིན་པའི་ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་རྒྱ་གཞུང་གིས་བོད་དུ་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ནས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་འདུག
Comments
Post a Comment