ཚེ་དབང་ནོར་བུ།
གནས་ཚུལ་བྱུང་ཚེས། - August 15, 2011
རྟགས། - Male
ཁུངས། - ཁམས་རྟའུ་ཉ་མཚོ་དགོན་
ས་གནས། - རྫོང་གི་ལས་ཁུངས་མདུན
ལོ། - 29
མ་མིང། - མཆོག་ལེགས།
ཕ་མིང། - ཚོགས་གཉིས།
སྐྱེས་ཡུལ། - ཁམས་རྟའུ་ལོ་བ་གྲོང་སྡེ།
འཚོ་ཐབས། - ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ།
ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢།༣༠ ཙམ་དུ། ཁམས་རྟའུ་ལོ་བ་གྲོང་སྡེ་ནས་ཡིན་པ་ཕ་ཚོགས་གཉིས་དང༌། མ་མཆོག་ལེགས་གཉིས་ཀྱི་བུ་རང་ལོ་ ༢༩ ཡིན་པ་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་༼མིང་གཞན་ནོར་ཁོ།༽ས་སྣུམ་བཏུང་བ་མ་ཟད། ལུས་ཐོག་ཏུ་བླུགས་ནས་མི་མང་འདུ་འཛོམས་བྱེད་སའི་རྫོང་གི་ལས་ཁུངས་མདུན་དུ། བོད་ལ་རང་དབང་དགོས། ང་ཚོར་མཐོང་ཆུང་བྱེད་ཀྱི་འདུག ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། སོགས་ཀྱི་སྐད་འབོད་དང་ཡིག་ཆ་བཀྲམ་སྟེ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་ཡོད། ཛ་དྲག་གི་གནས་ཚུལ་དེ་ཉ་མཚོ་དགོན་པའི་དགེ་འདུན་པས་ཤེས་འཕྲལ་སྐུ་ཕུང་ལ་ཁ་བཏགས་སེར་པོ་གཡོགས་ཏེ་དགོན་པའི་ནང་དུ་ཁྱེར་འདུག གནས་ཚུལ་དེ་རྟའུ་རྫོང་གི་ས་གནས་གང་སར་ཁྱབ་རྗེས་རྫོང་ཉེན་རྟོག་པ་དང་དམག་མི་སྟོང་ཕྲག་མང་པོས་དགོན་པ་མཐའ་བསྐོར་ཏེ་ཕུང་པོ་དགོན་པ་ནས་ལེན་རྩིས་བྱས་ཀྱང༌། མི་དམངས་ཕོན་ཆེ་དགོན་པའི་ཕྱོགས་སུ་འདུས་ནས་དགོན་པ་སྲུང་སྐྱོབ་བྱས་ཡོད། སྐབས་དེར་ཉ་མཚོ་དགོན་པའི་གྲྭ་རྒྱལ་མཚན་ཞུ་བས་དགོན་པའི་ནང་འཛུལ་ཐབས་བྱེད་སྟབས། རྒྱ་དམག་གིས་བཟུང་ནས་ཉེས་རྡུང་གཏོང་བཞིན་བཙན་ཁྲིད་བྱས་ཡོད། དགེ་འདུན་པ་བྱིངས་ཀྱིས་དམ་པ་ཚེ་དབང་ནོར་བུའི་སྐུ་ཕུང་རྒྱ་དམག་གི་ལག་ཏུ་མ་ཤོར་བ་སྲུང་ནས་བསྡད་དེ་མཚན་མོའི་ཆུ་ཚོད་ ༡ ནས་ ༢ བར་འདུ་འཛོམས་བྱུང་བའི་མི་མང་གིས་མཆོད་འབུལ་བསྔོ་སྨོན་གནང་ཡོད། དེ་ནས་ཆུ་ཚོད་ ༥ བར་ང་ཚོར་རང་དབང་མི་འདུག ང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས། གྲྭ་རྒྱལ་མཚན་གློད་བཀྲོལ་དགོས་སོགས་ཀྱི་སྐད་འབོད་བྱས་ཡོད། དགོང་མོ་དེར་ས་གནས་ཀྱི་ཁ་པར་བརྒྱུད་ལམ་ཡང་བཀག་ཡོད། དེ་ཉིན་རྒྱ་གར་རང་བཙན་དུས་དྲན་ཉིན་མོ་ཡང་འཁེལ་ཡོད།
Comments
Post a Comment